ཕྱུ་པའི་འཆིང་སྒྲོག་ལས་གྲོལ་བ།

Translation by Gurkon Kyab

༼བོད་ཀྱི་སྲོལ་རྒྱུན་དང་རིག་གཞུང་རྒྱུད་འཛིན་དེ་བོད་ཀྱི་བུད་མེད་ལ་བཀལ་བའི་ངན་ཁག༽

ང་རང་ཉིད་ཀྱི་ཕྱུ་པར་དགའ།

དེའི་མཛེས་པ་དང་ཉམས། བདེ་བ་བཅས་ནི།

རྡ་སའི་གཞུང་ངམ་ལྷ་སའི་ཁྲོམ་གྱི་གྲང་ངར་ལ་རན།

ང་རང་ཉིད་ཀྱི་ཕྱུ་པར་དགའ།

ང་ལ་དེ་བདག་གཅེས་བྱེད་དུ་འཇུག་རོགས།

དུས་ནམ་ཞིག་ཏུའང་།

གནས་གང་ཞིག་ཏུའང་།

ང་རང་ཕྱུ་པ་དང་མཉམ་དུ་རང་དབང་གྱི་གར་ལ་རོལ་དུ་འཇུག་པར་ཞུ།

ང་ལ་ཕྱུ་པ་བཙན་དབང་གིས་མ་གཡོགས་རོགས།

དེ་ལྟར་བྱས་ཚེ།

ཕྱུ་བ་ནི་བཙིར་ཡོང་བའི་འཆིང་ཞགས་ཞིག།

བསྡམ་ཡོང་བའི་འཆིང་སྒྲོག་ཅིག།

དབུགས་བསྡམས་པའི་བཙོན་ཁང་ཞིག།

ང་ཡི་ཕྱུ་པ་གཉའ་གནོན་གྱི་རོ་རས་མ་བསྒྱུར་རོགས།

ང་རང་ཕྱུ་པ་དང་མཉམ་དུ་རང་དབང་གི་གར་ལ་རོལ་དུ་འཇུག་པར་ཞུ།

ང་རང་ཕྱུ་པ་དང་མཉམ་དུ། བྱ་ལྟར་རང་དབང་གིས།

ནམ་མཁའི་མཐོངས་ནས་མཐོངས་སུ་འཕུར་ཆོག་པར་ཞུ།

ང་རང་ཕྱུ་པ་དང་མཉམ་དུ། ཉ་མོ་ལྟར་རང་དབང་གིས།

མཚོ་མོའི་གཏིང་ནས་གཏིང་དུ་འཛུལ་ཆོག་པར་ཞུ།

ང་རང་ཕྱུ་པ་དང་མཉམ་དུ། རྟ་ཕོ་ལྟར་རང་དབང་གིས།

རྒྱ་ཆེ་བའི་རྩྭ་ཐང་བརྒལ་ཆོག་པར་ཞུ།

ཡིན་ནའང་། ཕྱུ་པས་ང་རང་བསྡམ་དུ་མ་འཇུག་རོགས།

ང་རང་ཕྱུ་པ་དང་མཉམ་དུ་རང་དབང་གི་གར་ལ་རོལ་དུ་འཇུག་པར་ཞུ།

Leave a Reply